1
མད་ཐཱ། 11:28
Tibetan, Modern, gSungrab གསུང་རབ།
ཁྱེད་ཡིད་ཐང་ཆད་པ་དང་ཁུར་ཆེན་གྱིས་གནོན་པ་ཐམས་ཅད་ངའི་རྩར་ཤོག ངས་ཁྱེད་ལ་ངལ་གསོ་སྟེར་བར་བྱ།
Compare
Explore མད་ཐཱ། 11:28
2
མད་ཐཱ། 11:29
ངའི་གཉའ་ཤིང་འཁུར་ཞིང༌། ང་ལས་ཤེས་པར་གྱིས། ང་ནི་སེམས་དུལ་ཞིང་སྙེམས་ཆུང་ཡིན་པས་ཁྱེད་ཚོའི་སེམས་ལ་ངལ་གསོ་འཐོབ་པར་འགྱུར།
Explore མད་ཐཱ། 11:29
3
མད་ཐཱ། 11:30
རྒྱུ་མཚན་ནི་ངའི་གཉའ་ཤིང་འཇམ་ཞིང་ངའི་ཁུར་ཡང་ཡང་མོ་ཡིན་པས་སོ་”ཞེས་གསུངས་སོ། །
Explore མད་ཐཱ། 11:30
4
མད་ཐཱ། 11:27
ངའི་ཡབ་ཀྱིས་ང་ལ་ཡོད་དོ་ཅོག་གཏད་བྱུང༌། ཡབ་མ་གཏོགས་པར་སྲས་སུ་ཡིན་པ་སུས་ཀྱང་མི་ཤེས། སྲས་དང༌། སྲས་ཀྱིས་སྟོན་པར་འདོད་པའི་མི་མ་གཏོགས་པར། ཡབ་སུ་ཡིན་པ་སུས་ཀྱང་མི་ཤེས།
Explore མད་ཐཱ། 11:27
5
མད་ཐཱ། 11:4-5
ལན་དུ་ཡེ་ཤུས་“སོང་ལ། ཁྱེད་ཀྱིས་གང་ཐོས་པ་དང་མཐོང་བ་སྟེ། ལོང་བས་མཐོང་བ། ཞ་བོ་འགྲོ་བ། མཛེ་ནད་ཅན་དག་པར་འགྱུར་བ། འོན་པས་ཐོས་པ། གཤིན་པོ་རྣམས་གསོན་པོར་ལངས་པར་འགྱུར་བ། དབུལ་ཕོངས་རྣམས་ལ་འཕྲིན་བཟང་སྒྲོག་པ་སོགས་ཡོ་ཧ་ནན་ལ་ཤོད་ཅིག
Explore མད་ཐཱ། 11:4-5
6
མད་ཐཱ། 11:15
རྣ་བ་ཡོད་པ་རྣམས་ཀྱིས་ཉོན་ཅིག
Explore མད་ཐཱ། 11:15
বাড়ি
বাইবেল
পরিকল্পনাগুলো
ভিডিও