YouVersion Logo
Search Icon

གོ༌ཟུག༌ 23

23
སཱ༌ར༌ ཤི༌ ཡང༌ ཨབ༌ར༌ཧམ༌མི༌ སྤུར༌ཁང༌ངི༌ ཕིའ༌ ས༌ཀྱད༌ ཉོས༌།
23:1-20
1སཱ༌ར༌ ལོ༌ 127 ཚོག༌པ༌ སོན༌ཏེའ༌ ལུས༌། 2ཁོ༌ ཀེ༌ནན༌ ཡུལ༌ཇོངས༌སི༌ ཀི༌རི༌འཐ༌ ཨར༌བའི༌ ནང༌ང༌ ཀྲོངས༌ ཀ༌བོའ༌ དག༌ས༌ ཧེབ༌རོན༌ ཟེར༌ར༌ནོག༌ ཡང༌ ཨབ༌ར༌ཧམ༌མི༌ སཱ༌རའེ༌ ཕིའ༌ རྡུག༌པོ༌ ཅོས༌ཏེ༌ ངུས༌།
3སཱ༌རའེ༌ སྤུར༌རི༌ དུན༌ནེ༌ ཁོ༌ ལངས༌ཏེ༌ ཧེད༌དི༌ པུར༌གྱུད༌གུན༌ལ༌ ཟེརས༌, 4“ཁྱོ༌ཞ༌གུན༌ནི༌ ཕྲོའ༌ དུག༌ཁན༌ ང༌ ཞན༌ཡུལ༌ལི༌ མི༌ཞིག༌ ཨིན༌, ཇུ༌ཇུ༌ ངའེ༌ ན༌མའེ༌ སྤུར༌ སུབ༌ཅེས༌ལ༌ ངའ༌ ས༌ཀྱད༌ཞིག༌ ཙོང༌ང༌ ཛད༌།”
5ཧེད༌པའེ༌ བུ༌ཚ༌གུན༌ནི༌ ཨབ༌ར༌ཧམ༌མ༌ ལན༌ཏངས༌, 6“ང༌ཞ༌གུན༌ལ༌ སན༌ནའང༌ ཀ༌ག༌ལེ༌, ང༌ཞའེ༌ ཕྲོའ༌ ཉེ༌རང༌ སྤོན༌བོ༌ ཁྱུད༌ཅན༌ཞིག༌ ཨིན༌ནོག༌། ང༌ཞའེ༌ སྤུར༌ཁང༌ངི༌ ནས༌ས༌ ཉེ༌རང༌ ཐད༌ཁན༌བོའེ༌ ནང༌ང༌ ཉེ༌རང༌ངི༌ ན༌མ༌ སུབ༌བ༌ ཛད༌། ཉེ༌རང༌ང༌ སྤུར༌ཁང༌ངི༌ ནས༌ས༌ ཏང༌ཅེས༌ལ༌ ང༌ཞའ༌ ཚང༌མ༌ ཐད༌པོ༌ ཨིན༌།”
7ཏེ༌ནེ༌ ཨབ༌ར༌ཧམ༌མི༌ གོ༌ སྒུས༌ཏེ༌ ཁོང༌གུན༌ལ༌ ཀུས༌པ༌ ཅོས༌ 8ཡང༌ མོལས༌, “ཀལ༌ཏེས༌ ཁྱོ༌ཞ༌གུན༌ ངའེ༌ ང༌རང༌ངི༌ ན༌མ༌ སུབ༌ཅུག༌ཅེས༌ལ༌ ཐད༌དད༌ན༌, ཇུ༌ཇུ༌ ཟོ༌ཧར༌རི༌ བུ༌ཚ༌ ཨེ༌ཕོ༌རོན༌ལ༌ 9ཁོའེ༌ ཨིན༌ཁན༌ མེཁ༌ཕི༌ལའི༌ བྲག༌ཕུག༌པོ༌ ངའ༌ ཙོང༌ཅེས༌ལ༌ མོལ༌ལའང༌, ཀ༌བོ༌ ཁོའེ༌ ཞིང༌ངི༌ ཐའ༌མའ༌ དུག༌། ཤི༌ཁན༌གུན༌ སུབ༌ཅེས༌སི༌ ཕིའ༌ ཏེ༌ ནས༌ས༌བོ༌ ཁྱོ༌ཞ༌གུན༌ནི༌ དུན༌ལ༌ རིན༌ དྲན༌དྲ༌ ཏངས༌ཏེ༌ ངའེ༌ ཉོ༌ཨིན༌།”
10གྱལ༌སའེ༌ སྒོའེ༌ཀ༌ ཛོམས༌ཁན༌ནི༌ ཧེད༌པ༌གུན༌ནི༌ ཕྲོའ༌ ཨེ༌ཕོ༌རོན༌ནའང༌ ཡོད༌པིན༌, ཏེ༌ཀ༌ ཡོད༌ཁན༌ ཚང༌མའེ༌ དུན༌ལ༌ ཁོའེ༌ ཨབ༌ར༌ཧམ༌མ༌ ལན༌ཏངས༌, 11“ཀ༌ག༌ལེ༌ ཉན༌ན༌ཛད༌, ངའེ༌ ཉེ༌རང༌ང༌ ཞིང༌ གང༌པོ༌ དང༌ ཏེ༌ནང༌ང༌ ཡོད༌ཁན༌ བྲག༌ཕུག༌པོའང༌ ཏང༌ཨིན༌། འི༌ཀ༌ ཡོད༌ཁན༌ མི༌ཚང༌མའེ༌ དུན༌ལ༌ ཏེ༌བོ༌ ངའེ༌ ཉེ༌རང༌ང༌ ཏང༌ངད༌, ཉེ༌རང༌ངི༌ ཤི༌ཁན༌བོ༌ སུབ༌བ༌ ཛད༌།”
12ཡང༌སྐྱར༌ ཨབ༌ར༌ཧམ༌མི༌ ཧེད༌པ༌གུན༌ནི༌ དུན༌ལ༌ སྒུས༌ཏེ༌ ཀུས༌པ༌ སྟནས༌, 13ཡང༌ ཚང༌མའེ༌ དུན༌ལ༌ ཁོའེ༌ ཨེ༌ཕོ༌རོན༌ལ༌ ཟེརས༌, “ཇུ༌ཇུ༌ ངའ༌ ཉན༌ན༌ཛད༌ ངའེ༌ ཞིང༌ གང༌པོའེ༌ རིན༌བོ༌ ཏང༌ཨིན༌, ལེན༌ན༌ ཛད༌དའང༌ ཏེ༌ནེ༌ ངའ༌ ང༌རང༌ངི༌ ན༌མ༌ ཏེ༌རུ༌ སུབ༌ ཉན༌ཨིན༌།”
14ཨེ༌ཕོ༌རོན༌ནི༌ ལན༌ཏངས༌, 15“ཀ༌ག༌ལེ༌ ས༌ཆའེ༌ རིན༌བོ༌ མུལ༌ ཞིབ༌གྱ༌ མ༌ནེ༌ མ༌ནོག༌, ང༌དང༌ ཉིས༌ཀོའེ༌ ཕར༌ལ༌ ཏེ༌བོ༌ ཅི༌ ཨིན༌ནོག༌། ཉེ༌རང༌ངི༌ ན༌མ༌ ཏེ༌ ནང༌ང༌ སུབ༌བ༌ཛད༌།”
16ཨབ༌ར༌ཧམ༌མི༌ ཨེ༌ཕོ༌རོན༌ ཉམ༌པོ༌ ཁའ༌ཆམས༌ཏེ༌ མི༌ཚང༌མའེ༌ དུན༌ལ༌ ཁོའེ༌ ཟེར༌ཁན༌ནི༌ མུལ༌ 400 སྐར༌ཏེ༌ ཏངས༌, ཀ༌བོ༌ ཏེན༌ན༌ ཏུས༌སི༌ ཚོང༌པའེ༌ ཀོལ༌ཁན༌ནི༌ ཚད༌པོ༌ ནང༌ཞིན༌ ཨིན༌པིན༌།
17ཏེན༌ན༌ ཟུག༌གི༌ མམ༌རེའེ༌ ཉེ༌མོའ༌ མེཁ༌ཕི༌ལའི༌ ནང༌ང༌ ཡོད༌ཁན༌ནི༌ ཨེ༌ཕོ༌རོན༌ནི༌ བྲག༌ཕུག༌, ཞིང༌ དང༌ ཏེ༌ ནང༌ཀུག༌ དང༌ ཐའ༌མ༌ ཡོད༌ཁན༌ནི༌ ལྕང༌མ༌ ཚང༌མ༌ ཨབ༌ར༌ཧམ༌མི༌ ཉོས༌། 18ཡང༌ གྱལ༌སའེ༌ སྒོའེ༌ཀ༌ ཛོམས༌ཏེ༌ ཡོད༌ཁན༌ ཧེད༌པ༌ ཚང༌མའེ༌ དུན༌ལ༌ ཨབ༌ར༌ཧམ༌ ཏེ༌ ནོར༌གུན༌ནི༌ དག༌པོ༌ གྱུར༌། 19ཏེ༌སྟིང༌ནེ༌ ཨབ༌ར༌ཧམ༌མི༌ ཁོ༌རང༌ངི༌ ན༌མ༌ སཱ༌ར༌ མམ༌རེའེ༌ ཉེ༌མོའ༌ མེཁ༌ཕི༌ལའི༌ ཞིང༌ངི༌ བྲག༌ཕུགས༌པོའེ༌ ནང༌ང༌ སུབས༌, ཀ༌བོ༌ ཀེ༌ནན༌ནི༌ ནང༌ང༌ ཨིན༌པིན༌། 20ཏེན༌ན༌ ཟུག༌གི༌ ཧེད༌པ༌གུན༌ནི༌ ཞིང༌ དང༌ བྲག༌ཕུག༌ ཨབ༌ར༌ཧམ༌མི༌ ནོར༌ གྱུར༌, ཀ༌བོ༌ སྤུར༌ སུབ༌སའེ༌ ས༌ཀྱད༌ གྱུར༌།

Highlight

Share

Copy

None

Want to have your highlights saved across all your devices? Sign up or sign in