1
ཡོ་ཧ་ནཱན་ལེའུ་ 10:10
རྫོང་ཁ་
ཨརཝ་དེ་ཚུ་འོངམ་ད་ ཨརཝ་བརྐུ་ནི་དང་ བསད་ནི་ དེ་ལས་མེདཔ་གཏང་ནི་གི་དོན་ལུ་རྐྱངམ་གཅིག་འོངམ་ཨིན་ དེ་འབདཝ་ད་ ང་འོང་མི་དེ་ མི་ཚུ་ལུ་ཚེ་མཐའ་མེདཔ་འབོལ་མཆིས་ཆི་སྦེ་བྱིན་ནིའི་དོན་ལུ་འོང་ཡི།
Compare
Explore ཡོ་ཧ་ནཱན་ལེའུ་ 10:10
2
ཡོ་ཧ་ནཱན་ལེའུ་ 10:11
ང་ལུག་རྫིཔ་བཟང་པོ་ཨིན་ ལུག་རྫིཔ་བཟང་པོ་གིས་ ཁོ་རའི་ལུག་གི་དོན་ལུ་ ཕངས་སེམས་མེད་པར་ཚེ་སྲོག་ཡང་བྱིན་ཚུགས།
Explore ཡོ་ཧ་ནཱན་ལེའུ་ 10:11
3
ཡོ་ཧ་ནཱན་ལེའུ་ 10:27
ངེའི་ལུག་གིས་ངེ་གི་སྐད་ངོ་ཤེས་ ང་གིས་ཁོང་ངོ་ཤེས་ ཁོང་ངེ་གི་རྟིང་བདའ་འོངམ་ཨིན།
Explore ཡོ་ཧ་ནཱན་ལེའུ་ 10:27
4
ཡོ་ཧ་ནཱན་ལེའུ་ 10:28
དེ་ལས་ང་གིས་ཁོང་ལུ་ཚེ་མཐའ་མེདཔ་བྱིན་ནི་ཨིན་ ཁོང་ནམ་ཡང་མེདཔ་མི་འགྱོ་ ཁོང་ག་གིས་ཡང་ངེ་གི་ལག་པ་ལས་འཕྱོག་འབག་མི་ཚུགས།
Explore ཡོ་ཧ་ནཱན་ལེའུ་ 10:28
5
ཡོ་ཧ་ནཱན་ལེའུ་ 10:9
སྒོ་ངོ་མ་དེ་ང་ཨིན་ ག་ར་འབད་རུང་ ང་ལས་རྒྱུད་དེ་འཛུལ་འོང་མི་དེ་ལུ་ ཉེན་ཁ་ལས་སྐྱབས་མཛད་འོང་ ཁོ་ཕྱི་ཁར་འགྱོ་རུང་ ནང་ན་འོང་རུང་ རྩྭ་ཆུ་ལྡན་ཏོག་ཏོ་ཐོབ་ནི་ཨིན།
Explore ཡོ་ཧ་ནཱན་ལེའུ་ 10:9
6
ཡོ་ཧ་ནཱན་ལེའུ་ 10:14
ང་ལུག་རྫིཔ་བཟང་པོ་ཨིན་ ང་གིས་ང་རང་གི་ལུག་ཚུ་ངོ་ཤེས་ ལུག་གིས་ཡང་ ང་ངོ་ཤེས།
Explore ཡོ་ཧ་ནཱན་ལེའུ་ 10:14
7
ཡོ་ཧ་ནཱན་ལེའུ་ 10:29-30
ག་ར་ལས་མཐོ་བའི་ངེའི་ཡབ་ཀྱིས་དེ་ཚུ་ང་ལུ་གནང་ཡི་ ངེའི་ཡབ་ཀྱི་ཕྱག་ལས་ག་གིས་ཡང་ཁོང་འཕྱོག་འབག་མི་ཚུགས། ང་དང་ཡབ་གཅིག་ཨིན་ཟེར་གསུངས་ནུག།
Explore ཡོ་ཧ་ནཱན་ལེའུ་ 10:29-30
8
ཡོ་ཧ་ནཱན་ལེའུ་ 10:15
འདི་བཟུམ་སྦེ་རང་ ཡབ་ཀྱིས་ང་ལུ་ངོ་མཁྱེན་ ང་གིས་ཡང་ཡབ་ངོ་ཤེས་ ང་གིས་ལུག་གི་དོན་ལུ་ང་རའི་ཚེ་སྲོག་ཡང་བྱིན་ཚུགས།
Explore ཡོ་ཧ་ནཱན་ལེའུ་ 10:15
9
ཡོ་ཧ་ནཱན་ལེའུ་ 10:18
ག་གིས་ཡང་ངེ་གི་ཚེ་སྲོག་ང་ལས་ལེན་མི་ཚུགས་ དེ་འབདཝ་ད་ ང་རའི་སེམས་ཀྱི་འདོད་པ་ལྟར་དུ་བྱིནམ་ཨིན་ ང་ལུ་ཕར་བྱིན་ནི་དང་ཚུར་ལེན་ནི་གི་དབང་ཚད་ཡོད་ འདི་བཟུམ་སྦེ་ ཐག་བཅད་ནིའི་བཀའ་འདི་ ངེ་གི་ཡབ་ལས་ཐོབ་ཅི་ཟེར་གསུངས་ནུག
Explore ཡོ་ཧ་ནཱན་ལེའུ་ 10:18
10
ཡོ་ཧ་ནཱན་ལེའུ་ 10:7
དེ་གིས་འབད་ ཡེ་ཤུ་གིས་ད་རུང་ ང་གིས་ཁྱེད་ལུ་དོན་ལས་རང་སླབ་ཨིན་ ལུག་ཚུ་གི་དོན་ལུ་སྒོ་ངོ་མ་འདི་ང་ཨིན།
Explore ཡོ་ཧ་ནཱན་ལེའུ་ 10:7
11
ཡོ་ཧ་ནཱན་ལེའུ་ 10:12
དེ་འབདཝ་ད་ ལུག་རྫིཔ་མེན་པར་ ལས་མི་གཅིག་གིས་ལུག་འཚོ་བ་ཅིན་ རང་གི་ལུག་མེན་པར་ རོགས་ཀྱི་ཨིནམ་ལས་ འཕརཝ་འོང་ས་མཐོངམ་ད་ ལུག་ག་ར་བཀོག་བཞག་སྦེ་ ཁོ་རང་འབྱོག་འགྱོ་འོང་ དེ་ལས་འཕརཝ་འོང་སྦེ་ ལུག་ཚུ་བཅོམ་པའི་བསྒང་ལས་ ག་ར་ཁ་གཏོར་གཏང་འོང་།
Explore ཡོ་ཧ་ནཱན་ལེའུ་ 10:12
12
ཡོ་ཧ་ནཱན་ལེའུ་ 10:1
དེ་ལས་ཡེ་ཤུ་གིས་ ང་གིས་ཁྱེད་ལུ་དོན་ལས་རང་སླབ་ཨིན་ ག་ར་འབད་རུང་ ལུག་ཁྱིམ་གྱི་སྒོ་ལས་མ་འོང་པར་ ལམ་གཞན་ཁར་ལས་འཛེག་སྟེ་འོང་མི་འདི་ ཨརཝ་དང་འཕྲོག་བཅོམ་འབད་མི་ཨིན།
Explore ཡོ་ཧ་ནཱན་ལེའུ་ 10:1
Home
Bible
Plans
Videos