1
ལུ་ཀཱ 23:34
Tibetan, Modern, gSungrab གསུང་རབ།
དེ་ནས་ཡེ་ཤུས་“ཀྱེ་ཡབ་ལགས། ཁོ་ཚོས་གང་བྱེད་པ་མི་རྟོགས་པས་ཁོ་ཚོའི་སྡིག་ཉེས་སེལ་བར་མཛོད་”ཅེས་གསུངས་པ་དང༌། དམག་མིས་རྒྱན་བརྒྱབ་ནས་ཁོང་གི་ན་བཟའ་བགོ་བཤའ་བྱས།
Compare
Explore ལུ་ཀཱ 23:34
2
ལུ་ཀཱ 23:43
ཁོང་གིས་ཁོ་ལ་“ངས་ཁྱོད་ལ་བདེན་པར་ཟེར་རྒྱུར། ཉིན་མོ་འདི་རང་ལ་ཁྱོད་ང་དང་མཉམ་དུ་དཀོན་མཆོག་གི་ཞིང་ཁམས་སུ་ཡོད་པར་འགྱུར་རོ་”ཞེས་གསུངས།
Explore ལུ་ཀཱ 23:43
3
ལུ་ཀཱ 23:42
ཁོས་“ཡེ་ཤུ་ལགས། ཁྱེད་ཀྱི་རྒྱལ་སྲིད་ཐོབ་དུས་ང་དྲན་དུ་གསོལ་”ཞེས་ཞུས་པས།
Explore ལུ་ཀཱ 23:42
4
ལུ་ཀཱ 23:46
དེ་ནས་ཡེ་ཤུས་གསུང་སྐད་ཆེན་པོས་“ཀྱེ་ཡབ་ལགས། ང་ཡི་སེམས་ཁྱེད་ཀྱི་ཕྱག་ལ་བཅོལ་ལོ་”ཞེས་གསུངས་ནས་ཁོང་སྐུ་ཚེ་ལས་འདས་སོ།
Explore ལུ་ཀཱ 23:46
5
ལུ་ཀཱ 23:33
མགོ་རུས་ཞེས་ཟེར་བའི་ས་ཆར་སླེབས་ནས་ཁོང་མཉམ་དུ་ཉེས་ཅན་གཉིས་ནས་གཅིག་ཁོང་གི་གཡས་ཕྱོགས་སུ་ཡོད་པའི་རྒྱང་ཤིང་དང་གཅིག་ཁོང་གི་གཡོན་ཕྱོགས་སུ་ཡོད་པའི་རྒྱང་ཤིང་ལ་གཟེར་བརྒྱབ།
Explore ལུ་ཀཱ 23:33
6
ལུ་ཀཱ 23:44-45-44-45
ཉི་མ་བསྒྲིབས་ཏེ་ཉིན་གུང་ནས་ཆུ་ཚོད་གསུམ་པའི་བར་དུ་ལུང་པ་དེ་ཡོངས་སུ་མུན་པས་ཁེངས། དེའི་སྐབས་མཆོད་ཁང་ཆེན་མོའི་ནང་གི་ཡོལ་བ་དེ་དུམ་བུ་གཉིས་སུ་རལ།
Explore ལུ་ཀཱ 23:44-45-44-45
7
ལུ་ཀཱ 23:47
དེར་ལངས་བསྡད་ཡོད་པའི་དམག་མི་བརྒྱ་དཔོན་ཞིག་གིས་གང་བྱུང་བ་དེ་མཐོང་ནས་དཀོན་མཆོག་ལ་བསྟོད་པ་ཕུལ་ཏེ་“མི་འདི་ངེས་པར་སྐྱོན་མེད་པ་ཞིག་ཡིན་”ཞེས་སྨྲས།
Explore ལུ་ཀཱ 23:47
Home
Bible
Plans
Videos