1
མཛད་པ། 7:59-60
Tibetan, Modern, gSungrab གསུང་རབ།
ཡང་རྡོ་རུབ་གཏོང་དུས་སེ་ཏེ་ཕཱན་གྱིས་“ཀྱེ་གཙོ་བོ་ཡེ་ཤུ། ངའི་སེམས་ཉིད་བཞེས་པར་མཛོད་”ཅེས་སྨོན་ལམ་ཞུས་པ་དང༌། པུས་མོ་སར་བཙུགས་ཏེ་སྐད་ཆེན་པོས་“གཙོ་བོ་ལགས། ཁོ་ཚོའི་སྡིག་ཉེས་འདི་སེལ་བར་མཛོད་”ཅེས་གསུངས་ནས་ཁོང་སྐུ་ཚེ་ལས་འདས།
Compare
Explore མཛད་པ། 7:59-60
2
མཛད་པ། 7:49
ནམ་མཁའི་དབྱིངས་ནི་ང་ཡི་བཞུགས་ཁྲི་དང༌། ། ས་གཞི་འདི་ནི་ང་ཡི་རྐང་སྟེགས་ཡིན། ། ཁང་པ་ཅི་ཞིག་ང་ལ་བརྩིག་འགྱུར་ལ། ། ཡང་ན་ངལ་གསོའི་གནས་མཆོག་གང་དུ་ཡོད། ། གཙོ་བོ་དཀོན་མཆོག་ཉིད་ཀྱིས་དེ་ལྟར་གསུངས། །
Explore མཛད་པ། 7:49
3
མཛད་པ། 7:57-58
ཁོ་ཚོས་སྐད་ཆེན་པོ་བརྒྱབ་ནས་རྣ་བ་ལག་པས་བཀག་པ་དང༌། ཁོང་གི་རྩར་ལྷན་གཅིག་ཏུ་རྒྱུག་ནས་ཕྱིན། གྲོང་ཁྱེར་ཕྱི་རོལ་ཏུ་བསྐྲད་ནས་ཁོང་ལ་རྡོ་རུབ་གཏོང་སྐབས། དཔང་པོ་རྣམས་ཀྱིས་ཁོ་ཚོའི་ཕྱི་གོས་ཤ་ཨུལ་ཞེས་ཟེར་བའི་གཞོན་ནུ་ཞིག་གི་མདུན་དུ་བཞག
Explore མཛད་པ། 7:57-58
Home
Bible
Plans
Videos