ཡང་ཁོ་ཚོ་དང་མཉམ་དུ་བཞུགས་པའི་དུས་ཤིག་ལ་ཁོང་གིས་“ངས་ཁྱེད་ཚོར་སྔར་བཤད་པ་ལྟར་ངའི་ཡབ་ཀྱིས་ཞལ་ཆད་གནང་བ་དེ་མ་འགྲུབ་པའི་བར་དུ་ཡེ་རུ་ཤ་ལེམ་གྲོང་ཁྱེར་ནས་མ་བྲལ་བར་སྒུག་སྟེ་སྡོད་ཅིག ཡོ་ཧ་ནན་གྱིས་ཆུ་ཡིས་ཁྲུས་གསོལ་གནང་བ་རེད། འོན་ཀྱང་ཉིན་མང་པོ་མ་འགོར་བར་ཁྱེད་རྣམས་ལ་དམ་པའི་ཐུགས་ཉིད་ཀྱིས་ཁྲུས་གསོལ་གནང་བར་འགྱུར་”ཞེས་གསུངས།