1
མད་ཐཱ། 13:23
New Tibetan Bible བོད་འགྱུར་གསར་མ།
ས་གཤིན་ནང་དུ་ཐོར་བ་ནི་མི་ལ་ལས་བཀའ་ཐོས་ནས་དོན་རྟོགས༌ཤིང༌། རྗེས་སུ་འབྲས་བུ་སྨིན་ཐུབ་པ་རྣམས་ཡིན༌ཏེ། འབྲས་བུ་ཁ་ཤས་ལྡབ་བརྒྱ༌དང༌། ཁ་ཤས་ལྡབ་དྲུག༌ཅུ། ཁ་ཤས་ལྡབ་སུམ་ཅུ་བཅས་སྨིན་པ་ཡིན་ཞེས་བཀའ་ལན་གསུངས༌སོ།།
Compare
Explore མད་ཐཱ། 13:23
2
མད་ཐཱ། 13:22
ཚེར་མའི་གསེབ་ཏུ་གཏོར་བ་ནི་མི་ལ་ལས་བཀའ་ཐོས༌ཀྱང༌། འཇིག་རྟེན་གྱི་སེམས་ཁུར་དང་རྒྱུ་ནོར་གྱི་སླུ་བྲིད་ཀྱིས་བཀའ་མནན་ནས་འབྲས་བུ་སྨིན་མ་ཐུབ་པ༌རྣམས་ཡིན།
Explore མད་ཐཱ། 13:22
3
མད་ཐཱ། 13:19
སུ་ཞིག་གིས་དཀོན་མཆོག་གི་རྒྱལ་སྲིད་ཀྱི་བཀའ་ཐོས་ཤིང་དོན་མ་རྟོགས་པར་སྡོད་པའི་དུས༌སུ། བདུད་ངན་དེ་ཡོང་ནས་ཁོའི་སེམས་སུ་བཏབ་པའི་ས་བོན་ཕྲོགས་པ༌དང༌། འདི་ནི་ས་བོན་ལམ་ཁར་ཐོར་བ་དེ་རྣམས༌ཡིན།
Explore མད་ཐཱ། 13:19
4
མད་ཐཱ། 13:20-21
ས་བོན་རྡོ་གསེབ་ཏུ་ཐོར་བ་ནི་མི་ལ་ལས་བཀའ་ཐོས་པ་ཙམ་གྱིས་དགའ་ཞིང་དང་དུ་བླངས༌ནའང༌། སེམས་སུ་རྩ་བ་མ་རྒྱས་པས་དུས་ཡུན་ཐུང་ངུ་ལ་གནས༌ཀྱང༌། བཀའ་དེའི་རྐྱེན་གྱིས་དཀའ་སྡུག་དང་གནོད་འཚེ་བྱུང་མ་ཐག་དད་པ་ལོག་པ༌རྣམས་ཡིན།
Explore མད་ཐཱ། 13:20-21
5
མད་ཐཱ། 13:44
ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ནམ་མཁའི་རྒྱལ་སྲིད་ནི་ཞིང་ལ་སྦས་པའི་རིན་པོ་ཆེའི་གཏེར་མཛོད་དང་འདྲ༌བར། མི་ཞིག་གིས་གཏེར་མཛོད་དེ་རྙེད་ཅིང་སྦས༌རྗེས། དགའ་སྤྲོའི་ངང་རང་ལ་ཡོད་པ་ཐམས་ཅད་བཙོངས་ནས་ས་ཞིང་དེ་ཉོས༌སོ།།
Explore མད་ཐཱ། 13:44
6
མད་ཐཱ། 13:8
ཡང་ས་བོན་ཁ་ཤས་ས་གཤིན་ནང་དུ་ཐོར་ཞིང་འབྲས་བུ་སྨིན༌ཏེ། དེ་དག་ལས་ཁ་ཤས་ལྡབ་བརྒྱ༌དང༌། ཁ་ཤས་ལྡབ་དྲུག༌ཅུ། ཁ་ཤས་ལྡབ་སུམ་ཅུ་བཅས་སྨིན་པ༌ཡིན།
Explore མད་ཐཱ། 13:8
7
མད་ཐཱ། 13:30
སྟོན་ཐོག་བསྡུ་བའི་བར་དུ་དེ་གཉིས་མཉམ་དུ་སྐྱེ་རུ༌ཆུག བདག་གིས་སྟོན་ཐོག་བསྡུ་བའི་དུས༌སུ། གྲོ་རྔ་མཁན་རྣམས་ལ་ཐོག་མར་རྩྭ་ལྡུམ་བལ་ཏེ་མེ་རུ་བསྲེག་ཆེད་ཕོན་པོར་སྡོམས༌ཤིག གྲོ་ནི་བདག་གི་བང་མཛོད་དུ་སྡུས་ཤིག་ཅེས་ཟེར་བར་འགྱུར་ཞེས་གསུངས༌སོ།།
Explore མད་ཐཱ། 13:30
Home
Bible
Plans
Videos