1
ཡོ་ཧ་ནན། 7:38
Tibetan, Modern, gSungrab གསུང་རབ།
སུས་ང་ལ་དད་པ་བྱེད་ཀྱང༌། གསུང་རབ་ཀྱིས་མི་དེའི་སྐོར་གསུངས་པ་ལྟར། མི་དེ་ལས་ཚེ་སྲོག་གི་ཆུ་དང་ལྡན་པའི་གཙང་པོ་རྣམས་འབབ་ཡོང་”ཞེས་གསུངས་པའི་དོན་ནི།
አወዳድር
{{ጥቅስ}} ያስሱ
2
ཡོ་ཧ་ནན། 7:37
དེ་ནས་དུས་ཆེན་གྱི་མཐའ་མ་ཡིན་ཏེ་གལ་ཆེ་ཤོས་ཡིན་པའི་ཉིན་ལ་ཡེ་ཤུ་བཞེངས་ནས་གསུང་སྐད་ཆེན་པོས་“མི་སུ་སྐོམ་ཡང་དེ་ངའི་མདུན་དུ་ཤོག་ལ་འཐུང་ཞིག
3
ཡོ་ཧ་ནན། 7:39
ཡེ་ཤུ་ལ་དད་པ་བྱེད་མཁན་ཚོ་དཀོན་མཆོག་གི་དམ་པའི་ཐུགས་ཉིད་འཐོབ་རྒྱུ་ཡིན་པ་དེ་ཡིན། ཡེ་ཤུ་ད་དུང་གཟི་བརྗིད་མ་འཕག་པས་དམ་པའི་ཐུགས་ཉིད་ད་དུང་མ་གནང་བའི་ཕྱིར་རོ། །
4
ཡོ་ཧ་ནན། 7:24
ངོ་ལ་བལྟས་ཏེ་ཁྲིམས་གཅོད་མ་བྱོས། ཡང་དག་པའི་སྒོ་ནས་ཁྲིམས་གཅོད་བྱོས་ཤིག་”ཅེས་གསུངས།
5
ཡོ་ཧ་ནན། 7:18
རང་ལ་བརྟེན་ནས་གཏམ་བཤད་པ་ནི་རང་གི་གྲགས་པ་གཉེར། འོན་ཀྱང་རང་གཏོང་མཁན་གྱི་གྲགས་པ་གཉེར་བ་དེ་ནི་བདེན་པ་ཡིན་ཏེ། དེའི་ནང་ལ་བཅོས་མ་ཅི་ཡང་མེད།
6
ཡོ་ཧ་ནན། 7:16
ལན་དུ་ཡེ་ཤུས་“ངའི་བསྟན་པ་འདི་ནི་ང་རང་གི་བསྟན་པ་མ་ཡིན་ཏེ། ང་མངགས་མཁན་དཀོན་མཆོག་ནས་བྱུང་བ་ཡིན།
7
ཡོ་ཧ་ནན། 7:7
འཇིག་རྟེན་གྱི་མི་ཚོས་ཁྱོད་ཚོར་སྡང་བའི་རྒྱུ་མཚན་ཅི་ཡང་མེད། འོན་ཀྱང་ངས་ཁོ་ཚོས་བྱེད་པའི་ལས་ངན་པ་ཡིན་པར་དཔང་པོ་བྱེད་པས་ང་ལ་སྡང༌།
ቤት
መጽሐፍ ቅዱስ
እቅዶች
ቪዲዮዎች